分类:动漫 地区:印度年份:2010
主演:内详
导演:内详
更新:2023-12-26 11:41
简介:年轻神武的罗摩在比武招亲大会上折断了神弓,迎娶了美丽的悉达..年轻神武的罗摩在比武招亲大会上折断了神弓,迎娶了美丽的悉达为妻。罗摩的父亲十车王感到自己已年迈,决定传位给自己最心爱的长子罗摩。十车王曾对救过自己性命的一个王妃承诺要满足她两个愿望,而王妃受人挑拨,便... བརྗིད་ཆགས་ཨིན་དྲ་ནི་ལའི་མདངས་འཛིན་ཕོ་བྲང་ནི།། རྩེ་མོ་དགུང་དུ་ཟུག་ཞིང་ཆུ་འཛིན་དཀར་བོས་གཡོགས།། ཕྱོགས་བཞི་སྐྱེད་མོས་ཚལ་དང་རབ་བརྟན་ལྕགས་རིས་བསྐོར།། དབྱིག་ལྡན་ཛམ་བུའི་གྲོང་འདི་རྒྱལ་འབངས་སྤྱི་བོའི་རྒྱན།། རིགས་རང་བཞིན་བརྗོད་པ། བཞིན་རས་ཨུད་པལ་རྒྱས་ལ་མིག་ཟུང་བུང་བ་འཛུམ།། སྐུ་ལུས་དགུང་སྔོན་མཐོན་པོར་རྒྱུ་སྐར་དོ་ཤལ་རྒྱན།། རྡོ་རྗེའི་གཞུ་དང་ཕུར་བུའི་མདའ་མོས་མགྲིན་བཅུ་གུམ།། རཱ་མ་ཎ་ཁྱོད་བརྒྱ་བྱིན་གྱིས་ཀྱང་མཚོན་མ་ཡིན།། བསྡུས་ཤིང་མ་བསྡུས་པ།་ཁྱད་འཕགས་ཕུལ་བྱུང་གི་རྒྱན། སྟོན་ཟླའི་གཟུགས་སྐུས་སྲེད་ལྡན་སྐྱེ་བོའི་མིག་ཀྱང་འདོན།། ཁྱོད་ཀྱི་མཛེས་པས་སྲིད་གསུམ་ཁྲག་གི་འཁོར་ལོར་བཏང་།། འདི་དག་སྙིང་རླུང་འཚང་བའི་སྐྱོན་དུ་གྱུར་ཀྱང་རུང་།། སི་ཏ་ཁྱོད་ནི་འཕགས་མ་དང་མཚུངས་བརྗོད་འདོད་སྐྱེས།། བརྗོད་འདོད་དཔེ། མུན་རྨོངས་བདུད་ཀྱི་ཁང་བས་ཁ་གདེང་མིག་ཅེར་ཞིང་།། ནག་པོའི་མཆེ་སྡེར་གཙིགས་ཤིང་ལས་དམན་རོ་ལྟར་ཟ།། དུག་ལྕེའི་ཞགས་པ་བཅངས་པས་ཕྱོགས་བཞིའི་རྗེ་ཡང་འཇིགས།། སྲིན་ཡུལ་སིང་ག་ལ་འདིས་སུམ་རྩེན་གནས་ཀྱང་དཀྲུགས།། སེམས་མེད་རབ་རྟོག། ལིང་གའི་རྒྱལ་བོ་དྲག་གཏུམ་མགྲིན་བཅུ་ལུས་བཅུ་ཅན།། གཤང་བའི་སྣ་ལས་གཅིན་པའི་མཆི་མ་བར་མེད་འཕྱོ།། འབངས་ཀྱི་ཁྲག་གིས་སྦགས་པའི་ལུས་ཀྱང་གཅེར་བུར་ཕུད།། གཡོ་ཅན་སེམས་སུ་འདོད་པའི་གླང་བོས་མོ་གཅིན་ལྡག། མི་སྡུག་པའི་ཉམས། ཆེ་རུ་འཕྲུལ་བས་རི་རྒྱལ་ལྷུན་པོ་ཕྲག་ཏུ་འཛིན།། ཆུང་དུ་འཕྲུལ་བས་ལིང་གའི་ཕོ་བྲང་མེ་རུ་བཏང་།། ཁུ་ཚུར་རྡེག་པས་ས་ཡི་དཀྱིལ་འཁོར་གས་པར་བྱེད།། ཧ་ལུ་མན་ཐས་དགྲ་བོའི་སྲོག་སྙིང་ལྐོག་མར་འབྱིན།། རྒྱུ་ཡི་རྒྱན།འཇིགས་རུང་གི་ཉམས། ཞོ་འཐུང་དུས་ནས་ཕུ་བོར་མཉམ་འགྲོགས་བརྩེ་དུངས་ཀྱིས།། མཐོན་པོའི་ཁྲི་ཡང་ཁྱི་ཡི་རོ་ལྟར་གཞན་དུ་དོར།། བདག་གི་གམ་ནས་ཁྱོད་ཀྱང་གཞན་ལ་འཇིགས་མ་བྱེད།། ཞེས་བཤད་ལ་གྷུ་མ་ནའི་བློ་སྤོབས་མཆོག་ཏུ་དགེ།། གཟི་བརྗིད་ཅན་གྱི་རྒྱན། དང་བོ་རཱ་མ་ཡ་ཎས་སི་ཏ་བཞེས་པ་དང་།། གཉིས་པ་རྒྱལ་སྲིད་དོར་ཞིང་ནགས་ཁྲོད་འགྲིམ་དང་གཉིས།། གསུམ་པ་མགྲིན་བཅུའི་གཡོ་སྒྱུས་སི་ཏ་འཕྲོག་ཚུལ་གསུམ།། བཞི་བ་ཐབས་དང་ཤེས་པས་ལིང་ག་བཅོམ་པ་བཞི།། མཐའ་ཐོག་ཟུང་ལྡན། གནའ་བོའི་སྒྲུང་རབས་ངོ་མཚར་གཏམ་གྱི་མཛོད་ཆེན་འདི།། དེང་རབས་ཚན་རིག་ལས་བྱུང་སྒྱུ་རྩལ་བདུན་པ་ཡི།། སྒྲ་གཟུགས་ཡུལ་དུས་ལས་འདས་ཤལ་མར་སྟོན་རུང་འཕྲུལ།། གློག་བརྙན་རིག་པའི་རོལ་རྩེད་ལོངས་སྤྱོད་ཕུན་སུམ་ཚོགས།། རང་བཞིན་བརྗོད་པ། གཞན་ན་གདའ་བ་གམ་ལ་བཅར་བར་བྱ་བ་གང་།། གནའ་ནས་མངའ་བ་ད་ལ་ཤར་བ་ཧ་ལས་པ།། ཐམས་ཅད་རས་དཀར་བརྙན་ལ་བཀྲལ་བ་ཧངས་སངས་ཨང་།། ཉ་གང་ཟླ་བ་གདན་ལ་གཞག་ལས་མ་མཚར་རམ།། སྒྲ་རྒྱན་དབྱངས་ཨ་ངེས།
Copyright © 2022-2023 www.55ys.net All Rights Reserved